སྦྱག་གཞས། 劳动歌之《铁锹歌》

2023-05-10 14:56:27

སྦྱག་གཞས།

སྦྱག་མ་འཛུགས་བཟོ་དོད་པོ།།

སྦྱག་ཐག་འཐེན་བཟོ་དོད་པོ།།

དེ་འདྲའི་གཞོན་པའི་སྦྱག་ཁྱེམ།།

ཡོད་འགྲོ་བསམ་པ་མ་བྱུང་།།

 

ཁ་ཞིག་ཁ་རོག་མ་སྡོད།།

སྙན་པའི་གླུ་ཞིག་ཐོང་དང་།།

སེམས་པས་ལུས་པོ་མ་སྐུལ།།

ལུས་པོ་ས་རྡོ་ཡིན་པ།།

 

སེམས་པས་ལུས་པོ་སྐུལ་ན།།

བྱ་ཕོའི་སྒྲོ་ལས་ཡང་ང་།།

སྦྱག་མ་གང་འགྲོའི་ས་ལ།།

སྦྱག་ཐག་གློད་རོགས་གནང་དང་།།

 

སྦྱག་ཐག་དམན་ཆུང་བུ་མོས།།

བློས་སུ་གཏོང་གི་མ་རེད།།

སྦྱག་མ་ཨ་ཅོ་པ་སངས།།

འདུག་སེ་ཁ་ལ་གཏོང་དང་།།

སྦྱག་ཐག་དམན་ཆུང་བུ་མོས།།

ཧོབ་སེ་ཧོབ་ལ་འཐེན་ཆོག །

 

ས་ཡི་ལ་མོ་བརྒྱབ་སོང་།།

རྡོ་ཡི་ལ་མོ་བརྒྱབ་སོང་།།

སེམས་ཉིད་མེད་པའི་ས་རྡོ།།

ལ་མོའི་རྒྱབ་ལ་གཡུགས་ཡོད།།

 

སྦྱག་མ་ཆེན་པོ་མེད་ཀྱང་།།

མེ་ལྕགས་གཙབ་གཙབ་བྱས་ཡོད།།

གནས་ཚང་ཆེན་པོ་མེད་ཀྱང་།།

སེམས་གཤོངས་ལུས་གཤོངས་ཞུས་ཆོག །

 


སྦྱག་མ་ས་ལ་བཙུགས་པས།།

རམ་པ་རྩེ་ལ་འཁོན་སོང་།།

སྦྱག་ཁྱེམ་པུས་མོའི་འོག་ནས།།

སྙན་པའི་གཞས་ཤིག་སློང་དང་།།

 

ཁྱེམ་དེ་བལ་ཁྱེམ་སྡོང་པོ།།

ནག་པོའི་ས་ལ་ཟུག་དང་།།

དཀའ་བ་སྤྱོད་པའི་ལས་དེ།།

ས་མཚམས་མ་ན་ཡོག་རེད།།

 

ཉི་མ་བྱང་ཆུབ་གླིང་གི །

སྟོང་སྟོང་ཡ་ནས་རྒས་སོང་།།

ཕོ་གཞོན་བློ་ཁ་མ་རྫོགས།།

ཉི་གཞུག་སྟོན་རོགས་གནང་དང་།།

     ཡོང་ཁུངས།  བདེ་ཆེན་སྒྲོལ་དཀར་གྱིས་ལེགས་སྒྲིག་བྱས་པའི་

བོད་ལྗོངས་ངལ་རྩོལ་གླུ་གཞས་ལས་བདམ། 

གཙོ་སྒྲིག་པ།                           དོན་གྲུབ།

འགན་འཁུར་གཙོ་སྒྲིག་པ།              པ་སངས་ཚེ་རིང་།

རྩོམ་སྒྲིག་པ།                        པ་སངས་རྡོ་རྗེ།

ཁོངས་མི།                          མཚམས་སྒྲོལ་དཀར།

ཁོངས་མི།                            ལྷ་སྐྱིད།

ཁོངས་མི།                         པད་མ་འཕྲིན་ལས།

ཁོངས་མི།                         བློ་བཟང་ཆོས་ལྡན།

ཁོངས་མི།                          ཆུལ་ཁྲིམས་རྡོ་རྗེ།


རྩ་གཉིས་ཨང་རྟགས་མནན་ན་བཀྲ་ཤིས་ཐོན་སྨོན་

སྡེ་ཁུལ་ཏང་ཀྲེ་པུའི་སྐད་འཕྲིན་སྤྱི་སྟེགས་ནང་འཛུལ་ཐུབ།

扫一扫进入公众号菜单有惊喜

རྩ་གཉིས་ཨང་རྟགས་མནན་ན་བཀྲ་ཤིས་ཐོན་སྨོན་

སྡེ་ཁུལ་སྐད་འཕྲིན་སྤྱི་སྟེགས་ནང་འཛུལ་ཐུབ།

扫一扫关注扎西妥门公众号




友情链接

Copyright © 2023 All Rights Reserved 版权所有 广西壮歌分享交流群